སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་­ཟློས་­གར།

ཟློས་གར་ཚོགས་མི་རྣམས་ཀྱི་འདྲ་པར།

༄༅། །ཕྱི་ལོ་ ༡༩༦༦ ཟླ་ ༡༢ ཚེས་ ༢༥ ཉིན་གོང་གི་ཟློས་གར་ཚོགས་པ་འདི་དབུ་བརྙེས་པ་རེད། དུས་ཡུན་རིང་པོ་དེའི་ནང་ཚོགས་པར་དཀའ་ངལ་འདྲ་མིན་སྣ་ཚོགས་བྱུང་ཡང་ད་ལྟ་བར་གནས་ཐུབ་པ་བྱུང་བ་ནི་བོད་རིགས་འགའ་ཞིག་ནས་ཟློས་གར་དེ་ཉིད་གཅེས་སྐྱོང་འགན་འཁུར་གནང་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེའང་འགན་འཛིན་དགེ་ལས་དང་ཚོགས་མི་རྣམས་ནས་ལྷག་བསམ་རྣམ་བདག་ཅན་རིམ་པར་བྱུང་བ་དེ་དག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་མི་ཉམས་རྒྱུན་འཛིན་དུ་གནས་ཐུབ་པ་བྱུང་ཡོད།
ཚོགས་པའི་དམིགས་ཡུལ་གལ་ཆེ་གསུམ་ཡོད།

༡༽ བོད་ཀྱི་ཐོུང་མ་་ཡིན་པའི་རིག་གཞུང་འདི་དག་མི་ཉམས་གོང་འཕེལ་དང་ཉམས་པ་སོར་བཅུད་ཀྱི་སྒོ་ནས་བདག་ཉར་བྱ་རྒྱུ།།
༢༽རང་རིགས་ན་གཞོན་རྣམས་ལ་གཞས་དང་ཞབས་བྲོ། རོལ་ཆ། ཆས་གོས་སོགས་དཔེར་ན་སྔར་གྱི་ལོ་རྒྱུས་ལྷ་གཞུང་འདྲ་མིན་ཡོད་པའི་ནང་ནས་འགྲོ་བ་བཟང་མོ། གཟུགས་ཀྱི་ཉི་མ་སོགས་པའི་མདོར་བསྡུས་སྦྱང་བརྩོན་བྱ་རྒྱུ།།
༣༽ རྒྱུས་མེད་ཕྱི་རྒྱལ་གྲུ་ཁག་ནང་དྲིལ་བསྒྲགས་བྱ་རྒྱུ་དང་སྲིད་དོན་སྐོར་ནས་གནས་ཚུལ་འགྲེལ་བཤད་བྱ་རྒྱུ།།

དེ་བཞིན་རང་ཉིད་བོད་མི་ཙམ་ཟས་ཡིན་ཕྱིན་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་རང་གཞུང་ཕྱོགས་ནས་མཛད་འཁུར་བཀྲིན་ཆེ་བའི་ཁོངས་གུས་ཚོར་སུད་སི་གཞིས་ཁོངས་སུ་སླེབས་པ་ཞིག་ལས་རང་ཉིད་ཀྱི་འཇོན་ཏེ་བྱ་རྒོད་པོ་གཤོག་རྩལ་ལ་བརྟེན་པ་བཞིན་ཐང་ཀར་སླེབས་པ་ཞིག་མིན་སྟབས་དེ་ཐམས་ཅད་ལས་བྱུང་བའི་གཞི་རྩ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་རང་གཞུང་ཕྱོགས་ནས་རེ་སྐུལ་ཐབས་ཤེས་བཀྲིན་ཆེ་བའི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ཏེ་སྲིད་འབྱོར་ཕུན་སུམ་ཚོགས་པའི་ཡུལ་ལུང་སྐྱིད་པོ་འདི་ལྟ་བུའི་ནང་སླེབས་ཏེ་རྒན་གཞོན་ཀུན་ལ་འཕྲལ་ཕུགས་མི་ཚེའི་དཀའ་ངལ་ཡོངས་སུ་སེལ་ནས་མི་སྨིན་རང་སྐྱིད་རང་མགོ་ཐོན་པའི་སྐབས་འདིར་རང་གཞུང་ཆེན་པོའི་བཀྲིན་དྲིན་ཤེས་ཀྱི་སྒོ་ནས་ཁ་ཙམ་མ་ཡིན་པ་དོན་ལག་ཐོག་ཏུ་བཀལ་ཏེ་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་དང་ཡུལ་ཁྲིམས་འཁུར་ཤེས་ཀྱི་སྤྱི་དོན་འཕྱར་གྲུ་མཉམ་འདེམས་ཀྱིས་ལམ་སྟོན་བཀའ་སློབ་སྔ་ཕྱི་དང་། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་དུས་བསྟུན་མང་གཙོའི་གཞུང་ལམ་ཐོག་ཤར་སྐྱོད་དང་འབྲེལ་རང་འཚུག་གཏན་པོ་བཟུང་དགོས་པ་ང་ཚོ་མི་མང་རྣམས་ཀྱི་ལས་འགན་ཡིན་པ་དང་། རྩ་བའི་དམ་བཅའ་ཡང་ཡིན། འོན་ཀྱང་སྤྱི་དོན་ལ་བསམ་ཤེས་མེད་པར་རང་ས་རང་ནས་ལས་འགན་ཡག་པོ་ཞིག་སྒྲུབ་མ་ཐུབ་པའམ་མང་གཙོ་ཡིན་ཁུལ་རྩ་དོན་ལ་གནོད་འགལ་འགྲོ་གཞིའི་རང་སྣང་གང་དྲན་བྱས་ན་སྤྱི་དོན་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་ཉིན་མཚན་དུས་ཕྲུགས་སུ་དེ་ཙམ་སྐུ་ངལ་ལྷུར་བཞེས་བསྐྱང་དང་སྐྱོང་བཞིན་པའི་དྲན་ཤེས་ཀྱི་སྒོ་ནས་དགྲ་གཉེན་མགོན་གསུམ་མ་ནོར་བའི་རྩ་དོན་ཐོག་གདུང་སེམས་མཉམ་སྐྱོད་གནང་གལ་ཤིན་ཏུ་ཆེ་བ་མ་ཟད། དཔེར་ན་དེང་དུས་འཛམ་གླིང་ནང་སྐྱབས་བཅོལ་མང་པོ་ཡོད་ཀྱང་སྐྱབས་བཅོལ་གྱི་གཞུང་ཞིག་བྱས་ནས་ཡར་རྒྱས་ཀྱི་ཕྱོགས་སུ་མངོན་གྱུར་ཐུབ་པ་འདི་དགྲ་བོའི་སྙིང་ལ་ཟུག་རྒྱུན་འབྱིན་པའི་ཆོས་སྲིད་ཐད་དགྲ་གཉེན་བར་བའི་ཁྲོད་སྤོབས་པ་སྐྱེད་དགོས་པ་ཞིག་ལ་མགོ་ནམེད་ཉམས་ཆགས་སྡོད་དགོས་པ་གཏན་ནས་མེད་པ་སོགས་བཀྲིན་གྱི་ཕུང་པོ་རི་རབ་ཙམ་འདི་དག་བརྫོད་ཐབས་མ་མཆིས་སྟབས་རང་རང་སོ་སོའི་ངོས་ནས་བཀྲིན་གྱི་ཆ་ཤས་ཙམ་གསབ་དགོས་པ་ནི་ཤིན་ཏུ་གལ་ཆེར་བརྟེན་སུད་སི་བོད་རིགས་ཟློས་གར་ཚོགས་པ་འདི་བཞིན་མི་ཉམས་རྒྱུན་འཛིན་དུ་མི་ལོ་ ༣༨ གནས་ཐུབ་པ་བྱུང་ཡོད། སུད་སི་ཟློས་གར་ཚོགས་པས་ཡུལ་གྲུ་གཞན་དུ་ཞབས་བྲོ་དང་ཟློས་གར་སྣ་ཚོགས་གཟིགས་འབུལ་དང་སྦྲགས་ཞོར་ལ་བོད་དོན་བདེན་མཐའ་སེལ་ཐབས་ཆེད་དུ་ཕྱི་རྒྱལ་བ་རྣམས་ལ་འགྲེལ་བརྗོད་དང་གསལ་བསྒྲགས་གང་མང་བྱེད་པ་དང་། རྒྱ་དང་བོད་གཉིས་ཀྱི་མི་རིགས་དང་ཆས་གོས་དང་རིག་གཞུང་ལྷག་པར་དུ་སྐད་དང་ཡི་གི་སོ་སོ་བ་ཐ་དད་ཡིན་པ་སྐོར་གསལ་བསྒྲགས་གང་ཐུབ་ཅི་ནུས་བྱེད་ཀྱི་ཡོད། དུས་ཆེན་ཁག་དང་མཛད་སྒོ་རིགས་སོགས་སུ་སོ་སོའི་རིག་གཞུང་དེ་གཞན་དང་མི་འདྲ་བ་ངོམས་ནས་སྤོབས་པའི་ངང་འཁྲབ་སྟོན་བྱེད་ཀྱི་ཡོད། སུད་སི་ནང་བོད་མི་ཚར་ལོངས་བྱེད་པའི་གཞོན་སྐྱེས་རྣམས་སུ་སོ་སོའི་རིག་གཞུང་ངོ་བོ་ཚོན་བྱེད་ཀྱི་ངོ་སྤྲོད་ཡང་ཡོང་གི་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སོ།། །།