སུད་སི་བོད་རིག་མི་མང་གསར་འཕྲིན་དྲ་རྒྱ།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་གསར་འཕྲིན་འདི་བཞིན། སུད་སི་བོད་རིགས་མི་མང་གི་གསར་འཕྲིན་རྩོམ་སྒྲིག་ཚོགས་ཆུང་ནས་ལོ་རེར་ཐེངས་བཞི་འདོན་སྤེལ་ཞུ་ཐབས་བྱ་གི་ཡོད། གསར་འཕྲིན་དྲ་རྒྱའི་དམིཊ་ཡུལ་གཙོ་བོ་ནི། བོད་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་བཅས་དར་ཁྱབ་གཅེས་སྲུང་ཐུབ་ཐབས་མ་ཟད། བོད་ཡིག་བཀོལ་སྤྱོད་བྱེད་པའི་སྡིངས་ཆ་གལ་ཆེ་ཞིག་ཀྱང་ཡིན།
དེ་བཞིན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་འཐུས་ཚོགས་ནང་བགྲོ་གླེང་ཐག་གཅོད་ཅི་བྱུང་གི་ཚིག་ཐོ་དང། མི་མང་གིས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་བརྩམས་རིགས་བཅས་ཡུལ་གྲུ་གཞན་དུ་བཅའ་བཞུགས་བོད་རིགས་སྤུན་ཟླ་རྣམ་པས་མཁྱེན་རྟོགས་ཆེད་དུ་ཡིན་ལ། ༸གོང་ས་མཆོག་གི་བཀའ་སློབ་དང། བཙན་བྱོལ་བོད་གཞུང་གི་གལ་ཆེའི་གསལ་བསྒྲགས་ཀྱང་གང་ཐུབ་འདོན་སྤེལ་ཞུ་གི་ཡོད།
ཕྱོགས་མཚུངས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང། རིག་གཞུང། རྒྱལ་རབས་སོགས་འབྲི་རྩོམ་དང་། ཁྱད་མཁས་མི་སྣ་གདན་ཞུས་ཀྱིས་ཟབ་སྦྱོང་བགྲོ་གླེང་བརྒྱུད་མང་ཚོགས་ལ་གོང་གསལ་དོན་གནད་ཐོག་ངོ་སྤྲོད་བློ་གྲོས་སྤེལ་ཐབས་ཞུ་རྒྱུ། ལྷག་པར་བོད་མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་ཁེ་ཕན་ཁོ་ནའི་ཆེད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་གཞི་མང་གཙོའི་ལམ་སྲོལ་གོ་རྟོཊ་གོང་སྤེལ་ཆེད་བསམ་ཚུལ་བརྗེ་ལེན་གྱི་གླེང་སྟེགས་ཤིག་ཏུ་འགྱུར་ཐབས་བྱ་རྒྱུ་བཅས་ཡིན་ན་གསར་འཕྲིན་དྲྭ་རྒྱའི་སྐོར་ལག་བསྟར་ཐུབ་པའི་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་པོ་གནང་བའི་རེ་བ་ཡོད།

དྲྭ་རྒྱའི་དམིགས་ཡུལ།

ཕྱི་ལོ་ ༢༠༠༢ ལོའི་སྐབས་བཅིུག་པའི་འཐུས་མིའི་ལྷན་ཚོགས་ནས་དགོངས་པ་ཆེ་བཞེས་ཐོག །སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ལོ་རྒྱུས་དང་སྒྲིག་གཞི། ལས་བསྐུལ་སོགས་དང་དེ་བཞིན་བོད་དོན་གྱི་གསར་འགྱུར་མྱུར་རྟོགས་སླད། ཡང་སྒོས་འགྲོ་བ་སེམས་ཅན་ཡོངས་དང་། ལྷག་པར་དུ་རང་རིགས་མི་མང་རྣམས་ལ་བཀྲིན་བླ་མེད་དུ་ཆེ་བ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་འཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས། སློབ་དཔོན་འཕགས་པ་ཀླུ་གྲུབ་ལ་སོགས་པའི་སློབ་དཔོན་བཀྲིན་ཅན་རྒྱན་དྲུག་མཆོག་གཉིས་ཀྱི་མཛད་རྣམ། གཞན་ཡང་དུས་ཆེན་ཁག་གི་ངོ་སྤྲོད་རག་བསྡུས་བཅས་ལ་སོགས་མཁྱེན་རྟོགས་སླད། རྒྱལ་སྤྱིའི་དྲྭ་རྒྱ་༼ཨིན་ཊར་ནེཊ་ནང་རང་རེའི་ཧོམ་པེཇ་ཞིག༽ཕྱི་ལོ་ ༢༠༠༢ ལོའི་མང་གཙོའི་དུས་དྲན་ཉིན་ནས་བོད་ཡིག་ཐོག་དང་།

ཕྱི་ལོ་ ༢༠༠༥ ལོའི་མང་གཙོའི་དུས་དྲན་ཉིན་ནས་ལྗར་སྐད་ཐོག ཕྱི་ལོ་ ༢༠༡༠ ཟླ་བ ༡༢ ཚེས་ ༡༠ ཉིན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་དམིགས་བསལ་གྱི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་ཁྱད་པར་ཅན་འདི་ཡི་ཉིན་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་དབྱིན་སྐད་ཐོག་དང་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་(Unicode)བོད་ཡིག་ཡིག་གཟུགས་བཅས་སྐད་རིགས་གསུམ་ལྡན་གྱི་དྲྭ་རྒྱ་གསར་བསྐྲུན་ཞུས་པས་གལ་ཆེ་དོན་ཆེ་ལ་གཟིགས་ནས་སུད་སི་དང་ལེགས་ཊེན་སྤྲཡན་བོད་རིགས་མང་ཚོགས་གཙོས་་དབུ་འབྱེད་ཞུས་ཡོད་ན་དེ་དོན་ཐུགས་སྣང་དགྱེས་གཟིགས་ཡོད་པ་ཞུ།།

རྩོམ་སྒྲིག་ཚོགས་མི་རྣམས་ཀྱི་འདྲ་པར།

གསར་འཕྲིན་དྲ་རྒྱའི་འགན་འཛིན།
བསོད་ནམས་ཚེ་རིང་།

གློག་འཕྲིན། sontse85@yahoo.com
ཞལ་པར། 0763055652

Tenzin Tsarma

རྩར་མ་བསྟན་འཛིན་ལྷུན་འགྲུབ།
དྲྭ་རྒྱའི་འགན་འཛིན།

ཞལ་པར་ ༠༤༡ ༥༣༤ ༤༨ ༩༤

Tashi Namgyal

བཀྲ་ཤིས་རྣམ་རྒྱལ།
པར་པ།

ཞལ་པར་ ༠༧༨ ༨༣༧ ༥༡ ༡༩

Wangdak

དམེ་རྐ་ཚང་དབང་གྲགས།
རྩོམ་སྒྲིག་ཚོགས་མི།