སྦ་སལ་གནས་སྡོད་བོད་རིགས་མི་མང་གིs་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དུས་དྲན་སྲུང་བརྩི་བྱས་པའི་གནས་ཚུལ།

ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༡ རེས་གཟའ་སྤེན་པའི་ཉིན། སུད་སིའི་སྦ་སལ་ས་གནས་སུ་བོད་རིགས་མི་མང་ཉིས་བརྒྱ་ལྔ་བཅུ་ལྷག་འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་ནོལ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་ཧྲིལ་པོ་ཉེར་བཞི་འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གནང་སོང་། དུས་དྲན་མཛད་སྒོའི་ཐོག་མར་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་དང་། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་གསུང་འདོན། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་སྐྱེད་ཀྱིས་མྱ་ངན་གུས་འདུད་སོགས་སྔོན་འགྲོའི་ལས་རིམ་མཚམས། སྦ་སལ་བོད་རིགས་ཚོགས་ཆུང་གི་འཐུས་མིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད། དེ་བཞིན་ཚོགས་ཆུང་ཟློས་གར་ཚོགས་པས་སྣེ་ཁྲིད་པའི་གཞས་པ་གཞས་མ་རྣམས་ཀྱིས་གཞས་དང་ཞབས་བྲོ་འཁྲབ་སྟོན། དེ་མིན་གྱི་རྩེད་མོ་སྣ་ཚོགས་དང་ཞལ་ལག་གོ་སྒྲིག་བཅས་གནང་སྟེ་ས་གནས་བོད་རིགས་མང་པོ་འདུ་འཛོམས་དང་དགའ་སྤྲོའི་ངང་དུས་དྲན་སྲུང་བརྩི་བྱས་ཡོད་པའི་གནས་བསྡུས་སུ། །ས་འཐུས་མགོན་པོ་རྡོ་རྗེ་ཚང་ཐུབ་བསྟན་ཟླ་བ་ནས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སྡོམས་རོགས།