སྐབས་ ༢ པའི་སྲིད་སྐྱོང་དངོས་གཞིའི་འོས་མི་༸དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སུད་སིར་ཞབས་སོར་བདེ་བར་འཁོད་པ།

༄༅།  ཕྱི་ལོ་  ༢༠༡༦  ཟླ་  ༡  ཚེས་  ༣༠  རེས་གཟའ་སྤེན་པའི་ཉིན་དགོང་དྲོ་ཕྱག་ཚོད་   ༩།༡༠  ཐོག་སྐབས་  ༢  པའི་སྲིད་སྐྱོང་དངོས་གཞིའི་འོས་མི་༸དཔལ་ལྡན་བོད་མི་མང་སྐབས་  ༡༤  པའི་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སུད་སི་འཛུ་རིག་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ།

དེ་ཡང་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་མཚན་འཁུར་ཐོག་སྐབས་བཅུ་བཞི་པའི་༸དཔལ་ལདན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སྐབས་གཉིས་པའི་སྲིད་སྐྱོང་གི་དངོས་གཞིའི་འོས་མིར་རྒྱབ་སྐྱོར་དང་གདན་ཞུ་ཕུལ་མཁན་ས་གནས་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་དཔའ་བོ་ཐུབ་བསྟན་ལགས་གཙོས་རྒྱུན་ལས་རྣམ་པ་  ༡༡ དང་ཚོགས་མི། ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས།  ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་ཟུར་རྣམ་པ།   སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག   དེ་བཞིན་ས་གནས་བོད་རིགས་རྒན་གཞོན་བར་གསུམ་མི་གྲངས་ ༢༢༠  བརྒལ་བ་གནམ་ཐང་དུ་ཕེབས་བསུ་ཞུ་བར་བཅར་བ་དང་ཆབས་ཅིག་ཚང་མས་རང་སྲོལ་ལྟར་མཇལ་དར་ཕུལ་བཞིན་ངང་མི་མང་ཚང་མར་དགྱེས་འཚོར་ཆེན་པོའི་ངང་ཕྱག་བཏང་རྗེས་དགོང་དྲོ་ཕྱག་ཚོད་  ༡༠།༣༠  ཐོག་གདན་ཞུ་ཕུལ་མཁན་གྱི་འགན་འཁུར་རྣམ་པའི་ལྷན་དགོང་དྲོའི་གསོལ་ཚིགས་མཆོད་རྗེས་བཞུགས་གནས་སུ་ཕེབས་པ་བཅས་ཀྱི་གསུར་འགྱུར་སྙིང་བསྡུས་སུ།     གསར་འགོད་པ།  བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སྡོམས་རོགས།