སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་བོད་མི་ཚོས་རིག་གཞུང་འཁྲབ་སྟོན་བྱས་པ།

ཕྱི་ལོ་ ༢༠༡༥/༠༧/༠༦ཉིན་གྱི་དགོང་མོའི་ཆུ་ཚོད་༠༥:༡༥ ནས་༠༩:༠༠ བར་༸གོང་ས་མཆོག་དགུང་གྲངས་༨༠ ཐམ་པ་བཞེས་པའི་སྐུའི་་འཁྲུངས་སྐར་དང་སྟབས་བསྟུན་སུད་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ཆིག་སྟོང་སྐོར་ཞིག་མཉམ་དུ་འཛོམས་ནས་སྒོར་གཞས་འཁྲབ་སྟོན་གནང་བཞིན་དགའ་དད་སྤྲོ་གསུམ་གྱི་ངང་འཁྲུངས་སྐར་སྲུང་བརྩིས་ཞུས་སོང་། དེ་ཡང་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་༸གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཡུལ་མི་ཚོར་བོད་ཀྱི་རིག་གཞུང་ངོ་སྤྲོད་དང་། ཉིན་འདི་འཛམ་གླིང་ཁྱོན་ཡོངས་སུ་༧སྐྱབས་མགོན་༸གོང་ས་མཆོག་གི་འཁྲུངས་སྐར་ཡིན་པ་མི་མང་ཚོར་ངོ་སྤྲོད་གནང་བ་དང་སྦྲགས་སུད་སིའི་མེ་འཁོར་འབབ་ཚུགས་ཆེ་ཤོས་འཛུ་རིག་ཏུ་ཚུགས་པ་སོགས་ས་གནས་འདྲ་མིན་འགའ་ཤས་ནང་ཞབས་བྲོ་སྣ་ཚོགས་འཁྲབ་པ་བཅས་ཀྱི་དགའ་སྤྲོ་འཕེལ་བའི་གནས་ཚུལ་སྙིང་བསྡུས་སུ།

འདྲ་པར་ཁག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།