༢༠༡༤ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་སུད་སི་ས་གནས་འཇི་ཎི་ཝར་འགྲོ་བ་མིའི་ཐོབ་ཐང་དུས་དྲན་ཐེངས་ ༦༦ པ་སྲུང་བརྩིས་ཞུས་པ།

སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་ནས་སྒྲིག་དང་བཅས་མི་མང་ཉི་བརྒྱ་ལྔ་བཅུ་བརྒལ་བའི་སུད་སི་གྲོང་ཁྱེར་འཇི་ནི་ཝར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་༦༦པ་སྲུང་བརྩིས་ཞུས་ཡོད་པ་རེད། ཞོགས་པ་ཚོུད་ ༡༡་༠༠་ཐོག་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཨ་མའི་ (Palais Wilson)མདུན་ཐང་དུ་ས་གནས་ཁག་ནས་ཆེད་དུ་ཕེབས་པས་མི་མང་ཪྣམས་ཚང་འཛོམས་ཐོག་མི་མང་ཚོགས་གཙོས་མཛད་སྒོ་དབུ་འཛུགས་ཀྱིས་གསལ་བསྒྲགས་གནང་། མང་ཚོགས་ནས་ངར་ཤུགས་ལྡན་པའི་ཡིག་ཐོག་ཚིག་དོན་གཏན་འབེབས་ལྟར་སྐད་འབོད་བསྐྱོན།རི་ཀོན་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དང་དགེ་འདུན་རྣམ་པས་དབུས་མང་ཚོགས་ནས་ཞལ་འདོན་སྨོན་ལམ་དང་མ་ཎི་བཅས་གསུང་འདོན་གནང་།དེ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་འདུན་ཐང་བར་ཞི་བའི་གོམ་བགྲོད་ངང་སྐད་འབོད་གནང་བཞིན་ཐོག་ཚང་འཛོམས་གནང་སོང་། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་གསུང་བཤད་དང་ དེ་བཞིན་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ། Hr. Ueli Soltermann ལགས་ནས་གསུང་བཤད་གནང་། རིམ་བཞིན་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱུན་ལས་ཟླ་བ་ཀོང་པོ་ལགས་དང་ སུད་སི་བོད་ཀྱི་བུད་མེད་ཚོགས་པའི་རྒྱུན་ལས་ཚེ་རིང་སྤེལ་གླིང་ལགས་ འཇི་ནི་ཝའི་གྲོང་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ Hr. René Longet ལགས་བཅས་ནས་གསུང་བཤད་ཁག་གནང་རྗེས་མང་ཚོགས་ནས་སྐད་འབོད་མུ་འཐུད་གནང་སོང་།མི་མང་ཟློས་གར་ནས་འགོ་ཁྲིད་པས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་གནང་བ་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེས་དབུས་དགེ་འདུན་རྣམ་པས་དབུ་ཁྲིད་ནས་བདེན་གསོལ་སྨོན་ཚིག་གསུང་དབྱངས་དང་བཅས་གསུང་འདོན་གནང་། མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ལས་མཇུག་བསྡོམས་གསུང་བཤད་བཅས། ༡༤་༡༥ ཐོག་ཐེངས་འདིའི་ལས་རིམ་མཇུག་བསྡུ་གནང་སོང་བ་བཅས། ཚོགས་ཁང་བསྟན་འཛིན་བློ་གསལ་ནས་གནས་བསྡུས་སུ། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སྡོམས་རོགས།