སུད་སི་ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ནས་འབུམ་བསྒྲོག་གནང་པ།

༸གོང་ས་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟེན་པ་དང་གངས་ལྗོངས་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ ལོ་ལྟར་བཞིན་སུད་སི་ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ནས་འབུམ་བསྒྲོག་གནང་བཞིན་པ་ལྟར། འདི་ལོ་ཕྱི་ལོ་༢༠༡༡ ཟླ་ ༦ ཚེས་ ༢ ནས་ ༤ བར་ས་ག་ཟླ་བ་སྟབས་བསྟུན་གྱིས་འདི་ག་ཚོགས་ཆུང་ནང་རི་ཀོང་ནས་མཁས་རིན་པོ་ཆེ་མཆོག་དགེ་འདུན་རྣམ་པ་དང་། ས་གནས་མི་མང་དང་ཕྱོགས་མཐའ་ཁག་ནས་ཕེབས་པ་རྣམས་བཅས་འབུམ་སྒྲོག་ཉིན་གསུམ་བར་གནང་བ་དང་། ཚོགས་ཆུང་ནང་ཁྱིམ་ཚང་སོ་སོ་ལས་འགན་འཁྱེར་ནས་གསོལ་ཇ་དང་བཞེས་ལག་སོགས་གྲ་བསྒྲིགས་འཐུས་ཚང་བྱུང་ནས་ཉིན་མཐའ་མར་དགེ་འདུན་རྣམ་པ་གཙོས་པའི་མི་མང་ལྷན་འཛོམས་ཐོག་བསང་གསོལ་རྒྱས་པར་གནང་རྗེས་མི་མང་ནས་བྲོ་གཞས་འཁྲབ་ནས་རྒྱལ་ཁའི་ངང་གྲོལ་བ་ལགས་སོ།། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།