སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་གྲོས་ཚོགས་ལེགས་གྲུབ་ཟིན་པ།

དེ་ཡང་།  ༢༠༡༣  ཕྱི་ཟླ་  ༨  ཚེས་  ༢༥  རེས་གཟའ་ཉི་མའི་ཞོགས་པ་ཚོུད་  ༡༠  པ་ནས་སུད་སི་དང་།   ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་པའི་ (གྲོས་ཚོགས་) ཐེངས་གསུམ་པ་སྐོང་འཚོགས་གནང་བ་དང་ཐོག་མར་ཚང་མ་བོད་ཆས་གཟབ་འཆོར་དང་འབྲེལ་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་གུས་བསུ་དང་བཅས་ཚོགས་འདུ་དབུ་འཛུགས་དང།  ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།   བོད་བསྟན་སྲིད་རང་དབང་གི་དོན་དུ་སྐུ་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔལ་མོ་རྣམ་པར་གུས་བཏུད་ངག་བཅད་སྐར་མ་གཅིག   དེ་འཕྲལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་སོང་ལ།

ཐེངས་འདིར་གཞུང་འབྲེལ་གྲོས་འཆར་གྲོས་ཆོད་གཅིག་ཡོད་པ་སྤྱི་མོས་ཀྱིས་གཏན་འབེབས་དང་།    ས་འཐུས་སྒེར་གྱི་གྲོས་འཆར་གྲོས་ཆོད་གཅིག་ཡོད་པར་དགག་ཆ།  ༡༣  མོས་མཐུན་  ༤  བར་ཞུགས་  ༣  བཅས་གྲོས་འཆར་ལ་རྒྱབ་སྐྱོར་མེད་པར་ཟགས་པ་བཅས་ཟུར་བཀོད་ཞུས་པའི་ཡིག་ཆར་གཟིགས་ཞིབ་གནང་བ་ཞུ།  མདོར་དོན།  ད་རེས་གྲོས་ཚོགས་ཚོགས་ཐེངས་གསུམ་པ་ཚུ་ཚོད་གཅིག་གི་ནང་ལེགས་གྲུབ་བྱུང་སོང་བ་དང།  སྐར་མ་བཅོ་ལྔ་བར་གསེང་གནང་རྗེས་ཞུགས་མོལ་ཚོགས་འདུ་མུ་མཐུད་གནང་སོང་བ་བཅས་ཀྱི་ཚིག་ཐོ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན་གྱིས།

གྲོས་ཚོགས་ཚོགས་བརྡ་
གྲོས་འཆར་ ༡
གྲོས་འཆར་ ༢

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།