སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་ས་གནས་འཇི་ནིའི་ཝར་ཞི་རྒོལ་གནང་པ།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་སུད་སི་ས་གནས་འཇི་ནིའི་ཝར་བོད་རིགས་དང་ཕྱི་རྒྱལ་བ་ ༣༥༠ ལྷག་སྐོར་ནས་ཕྱི་ཟླ་ ༥ ཚེས་ ༣༠ ཉིན་འཛམ་གླིང་རྒྱལ་སྤྱིའི་འཐུས་མི་བོད་ནང་གི་གནས་སྟངས་ལ་གཟིགས་སྐོར་ཕེབས་དགོས་པས་འབོད་སྐུལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་པ་རེད། ལས་འགུལ་དེ་བཞིན་ད་རིང་ནས་བཟུང་ལོ་དུས་གཉིས་རིང་ཟླ་རེ་རྟག་པར་ཇི་སྲིད་འཛམ་གླིང་རྒྱལ་སྤྱིའི་འཐུས་མི་བོད་ནང་གི་གནས་སྟངས་ལ་གཟིགས་སྐོར་དུ་མ་ཕེབས་བར་དུ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པས་སྐོར་མི་མང་ཚོགས་གཙོས་གསུང་བཤད་གནང་ཡོད་པ་རེད། ཐོག་མར་མི་མང་རྣམས་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་མདུན་ཚང་འཛོམས་གནང་ནས་ མི་མང་ཟློས་གར་ནས་དབུ་འཁྲིད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་པ་དང་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུས་མི་མང་ནས་༸རྒྱལ་བའི་ཞབས་བརྟན་བཅས་གསུང་གནང་མཛད་ཡོད་པ་རེད། Palais des Nations ཞེས་འཛམ་གླིང་རྒྱལ་སྤྱིའི་མདུན་ཐང་བར་གོམས་འགྲོས་ཐོག་སྐད་འབོད་གནང་པ་དང་། མདུན་ཐང་དུ་སུད་སི་གཞས་མ་ནུབ་ཡ་ལགས་དང་ ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་དེ་བཞིན་མི་མང་ཟློས་གར་ནས་གསུང་གཞས་ཁག་དང་
ལྕམ་ཨ་ན་མ་ཡར་ལགས་དང་ སྐུ་ཞབས་རེ་ནེ་ལོང་གེཊ་མཆོག་ སུད་སི་སྐུ་ཚབ་དོན་ཁང་ནས་བསམ་འཕེལ་ལགས་བཅས་ནས་གསུང་བཤད་ཁག་རིམ་བཞིན་གནང་པས་རྗེས་སུད་སི་གཞས་མ་ནུབ་ཡ་ལགས་ནས་དབུ་འཁྲིད་མི་མང་ནས་(we shall overcome)ཞེས་པའི་མཉམ་གཞས་འུར་སྒྲ་ཆེན་པོའི་ངང་གནང་། རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུ་འཁྲིད་གདེན་གསོལ་སྨོན་ཚིག་བཅས་གསུང་ནས་མི་མང་ཚོགས་གཞོན་བློ་བཟང་ལགས་ནས་ཐུགས་རྗེ་ལེགས་འབུལ་ཞུས་རྗེས་ལས་འགུལ་གྱི་མཛད་རིམ་ཁག་རྒྱལ་ཁའི་ངང་ལེགས་བསྒྲུབས་ཟིན་ཡོད་པ་རེད། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སྡོམས་རོགས།