སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་བོད་སློབ་འགན་འཛིན་ལྷན་ཚོགས་བསྐོང་འཚོགས་བསྐྱངས་པ།

༄༅། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་བོད་སློབ་འགན་འཛིན་ལྷན་ཚོགས་བསྐོང་འཚོགས་བསྐྱངས་པ། དེ་ཡང་། ༢༠༡༡ ཕྱི་ཟླ་ ༩ ཚེས་ ༡༧ རེས་གཟའ་སྤེན་པའི་ཞོགས་པ་ཚོུད་ ༡༠༌༌༣༠ ཐོག་ཛུས་རིག་མི་མང་གི་ལས་ཁུངས་ནང་ལྷན་ཚོགས་གནང། སྐུ་མགྲོན་དུ་ཨོསེ་ཊིར་ཡར་ནས་དགེ་བཤེས་བསྟན་འཛིན་དར་རྒྱས་མཆོག་ཆེད་ཕེབས་གནང་། ནམ་མཁའ་རིན་པོ་ཆེ་མཆོག་གློ་བུར་ཨ་རིེར་ཆེད་ཕེབས་གནང་དགོས་དགོངས་ཞུ་གནང། དེ་མིན་སློབ་གྲྭ་ཁག་བཅུ་གཉིས་ཙམ་ནས་འགན་འཛིན་དང་ངོ་ཚབ་ཕེབས་འདུགབོད་སློབ་འགན་འཛིན་སྒོ་སྤེ་ཡོན་ཏན་ནས་ཚོགས་འདུ་འགོ་འཛུགས་དང་ཚོགས་འདུར་ཕེབས་འཁོམ་མེད་རིགས་ཁག་གི་སྐོར་སོགས་༸སྙན་སེང་ཞུས་ཤིང། དགེ་བཤེས་བསྟན་དར་ལགྶ་དང་ཐོག་མར་འབྲེལ་ལམ་བྱུང་རིམ་ངོ་སྤྲོད་ཞུས་པ་དང་སྦྲཊ་ཁོང་ཉིད་ལ་ད་རེས་ཕེབས་དོན་སྐོར་སོགས་གསུང་བཤད་གནང་རོགས་ཞུས། དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ཨོསེ་ཊིར་ཡར་ཕེབས་འབྱོར་དང་དེ་གར་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གསར་འཛུགས་གནང་ལུགས་ལ་སོགས་པའི་བྱུང་རིམ་ཚོུད་ཕྱེད་ལྷག་ཙམ་ངོ་སྤྲོད་གནང་ཞིང། ལར་ནས་བོད་མི་རིགས་ཀྱི་སྐད་ཡིག་རིགས་གཞུང་མི་ཉམས་རྒྱུན་འཛིན་ཉམས་པ་སླར་གསོའི་སླད་ཐུགས་འཁུར་དགོངས་བཞེས་ཡོད་པ་བཅས་འདི་ག་ས་གནས་སུ་བོད་ཕྲུག་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་གཙོ་གྱུར་གྱིས་ངོ་བོ་གནས་ཐབས་ལ་ཐུགས་སྣང་ཡོད་པར་གང་ཐུབ་ཆར་པ་ཆུ་གྲོགས་ཉི་མར་མེ་གྲོགས་ཀྱི་དཔེ་ལྟར་གནང་བཞེད་སྐོར་བཀའ་གནང་།དེ་ཡོད་བོད་སློབ་སློབ་འགན་འཛིན་རྣམས་ནས་རང་རང་དྭོགས་གནས་བཀའ་འདྲི་ཞུས་ཤིང་སློབ་ཕྲུག་རྣམས་གུང་གསེང་སྐབས་ཆེད་གཏོང་ཞུས་པ་ཡིན་ན་ལམ་གྲོན་གཙོ་གྱུར་གྱི་སྐོར་ལ་རེ་བསྐུལ་ཞུ་འོས་གང་ཡོད་ལྷུག་པོར་བཀའ་བསྡུར་གནང་ཐུབ་པ་བྱུང་སོང།ཉིན་གུང་གསོལ་ཚིགས་མཉམ་བཞེས་གནང་བ་དང། ཉིན་རྒྱབ་དགེ་བཤེས་ལགས་མེད་པར་བོད་སློབ་འགན་འཛིན་རྣམ་ནས་བཀའ་བསྡུར་ལྷུག་པོར་གནང་ནས་གཤམ་གསལ་གྲོས་ཆོད་ཁག་ཅིག་གཏན་འབེབས་གྲོས་ཆོད་ཞུ་ཐུབ་པ་བྱུང་ཡོད།འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།