སུད་སི་དང་ལིཀ་ཏེན་སིཊཡན་འོས་བསྡུ་ཚོགས་མི་ཚོགས་འདུ་གནང་།

༢༠༡༥ ཕྱི་ཟླ་  ༨  ཚེས་ ༡  རེས་གཟའ་སྤེན་པ་ཉིན་སུད་སི་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ནས་ས་གནས་འོས་བསྡུའི་འགན་འཛིན་གྱི་མཚན་ཐོག་ཁྱབ་ཁོངས་ས་གནས་འོས་བསྡུ་ཚོགས་མི་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་།  སྐབས་བཅུ་དྲུག་པའི་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་བཅས་འོས་འདེམས་ཞུ་རྒྱུ་བཅས་ཀྱི་སྐོར་གཟབ་སྦྱོང་ཞིག་གནང་སོང་ལ།  སུད་སི་སྐུ་ཚབ་དོན་གཅོད་མཆོག་གི་ཁྱབ་ཁོངས་སུད་སི་དང་ལིཀ་ཏེན་སིཊཡན།  འཇར་མ་ཎི།  ཨི་ཊ་ལི།  ཨོསི་ཊིར་ཡ་བཅས་ཀྱི་ས་གནས་འོས་བསྡུའི་ཚོགས་མི་སོགས་མི་གྲངས་ ༣༤ དང་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མང་ཚོགས་ནས་འོས་འདེམས་གནང་བའི་འོས་བསྡུའི་ཟུར་དཔང་མི་ལྔ་བཅས་ཡོད་པ་བཞིན་དབུས་འོས་བསྡུ་ལས་ཁང་གི་བཀའ་འཁྲོལ་ཞུས་ཐོབ་བཅས་ལོ་ལྔའི་རིང་གི་བཀའ་ཁྲོལ་ཞུས་ཐོབ་བྱུང་གནས་སོགས་ལས་དོན་བྱེད་སྒོའི་ལམ་སྟོན་གསལ་བཤད་གནང་སོང།

འོས་བསྡུའི་སྒྲིག་གཞི་ནང་གསལ་དོན་གནད་ཁག་ལམ་སྟོན་གསལ་བཤད་གནང་དགོས་རིགས་དང་།  དེ་བསྟུན་དྭོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་ཟབ་ནན་གནང་སོང་བར་ཕན་འབྲས་དགེ་མཚན་ཆེན་པོ་བྱུང་ཡོད།  ཕྱི་ཟླ་ ༡༠  ཚེས་  ༡༨  ཉིན་གྱི་དངོས་འགྲོའི་འོས་ཤོག་དང་།  ༢༠༡༦  ཕྱི་ཟླ་  ༣  ཚེས་  ༢༠  ཉིན་དངོས་གཞིའི་འོས་བསྡུ་བཅས་ཀྱི་ལས་རིམ་སྐོར་གསལ་པོ་བྱུང་སོང་།  

གནས་ཚུལ་འདི་ཚོའི་རིགས་ཇི་མ་ཇི་བཞིན་སྐོུ་དོན་གཅོད་མཆོག་ནས་མི་མང་གི་དྲ་རྒྱར་དྲི་བ་དྲི་ལན་གྱི་ལམ་ནས་བགྲོ་གླེང་གསལ་བཤད་གནང་འོས་དགོངས་བཞེས་ཐབས་ལམ་ཇི་ཡོད་དྲ་རྒྱའི་འགན་འཛིན་དང་ལྷན་བཀའ་བསྡུར་ཐབས་ཤེས་འབད་རྩོལ་གནང་རྒྱུ།  གང་ལྟར་ཐེངས་འདིའི་འོས་བསྡུའི་ལས་རིམ་ཐད་སྒྲིག་གཞི་ནང་གསལ་མང་ཚོགས་ནས་ཉམས་ལེན་ཐུབ་ཐབས་ཚོགས་ཆུང་ཁག་ཏུ་ངེས་པར་གསལ་བཤད་གནང་ཐབས་དགོས་པ་མ་ཟད།  སྐུ་ཚབ་དོན་ཁང་ནས་ཀྱང་ཕྱག་རོགས་ཇི་དགོས་གནང་རྒྱུ་ཡིན་པ་དང་།  མདོར་དོན་དུས་བསྟུན་དགོས་མཁོར་གཞིགས་པའི་འོས་བསྡུའི་སྒྲིག་གཞི་མང་ཚོགས་ནས་གསལ་རྟོགས་ཐུབ་ཐབས་གནང་དགོས་སྐོར་སོགས་ཚོགས་འདུ་གཟབ་རྒྱས་ངང་མཇུག་སྐྱོང་གནང་ཐུབ་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་སྒོ་སྤེ་ཡོན་རྒྱས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 2 སྡོམས་རོགས།