ཕྱི་ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ་ཉིན་ས་གནས་ཚོགས་ཆུང་ར་པརསེ་ཝིལ། ཡོ་ན་དང། ཨུཛི་ནག ཝ་ཊ་ཝིལ་བཅས་ནས་མི་གྲངས་ ༦༠ བརྒལ་བས་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་མདུན་ཞི་རྒོལ་གནང་།

༄༅། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ནས་གྲོས་ཆོད་གཞིར་བཟུང་བོད་ནང་རྒྱ་དམར་གྱིས་བོད་མིར་བཙན་གནོན་མནར་གཅོད་གདུག་རྩུབ་ཅི་ཙམ་གཏོང་གི་ཡོད་པའི་ཛ་དྲག་གནས་བབ་ལ་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་བཅས་ནས་བརྟོག་ཞིབ་ཚོགས་ཆུང་འཕྲལ་དུ་གཏོང་ཐབས་དགོས་པ་དང། དེ་བཞིན་རྒྱ་གཞུང་གི་མ་ཡིན་ཡིན་ཚུལ་མ་ཡོད་ཡོད་མདོག་གི་གནས་ཚུལ་ཤེས་རྟོགས་ཆེད་རྒྱལ་སྤྱིའི་གསར་འགོད་པ་བོད་ནང་རང་དབང་གིས་འགྲོ་བསྐྱོད་ཆོག་པ་དགོས་རྒྱུ་བཅས་ཀྱི་ལས་འགུལ་འཆར་འགོད་ལྟར་ཟླ་རེར་ཚོགས་ཆུང་ཁག་གཉིས་གསུམ་རེ་འགྲོ་དགོས་པ་བཞིན། ཕྱི་ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ་ཉིན་ས་གནས་ཚོགས་ཆུང་ར་པརསེ་ཝིལ། ཡོ་ན་དང། ཨུཛི་ནག ཝ་ཊ་ཝིལ་བཅས་ནས་མི་གྲངས་ ༦༠ བརྒལ་བ་ཕེབས་ཐུབ་པ་བྱུང་འདུག་ལ། དེའི་ནང་ལོ་ན་རྒན་ཤོས་ལོ་གྲངས་བརྒྱད་ཅུ་གྱ་ལྔ་སྐོར་དང་ཆུང་ཤོས་ལོ་གྲངས་ ༦ ཙམ་ཡིན་པ་བཅས། ད་རེའི་བརྗོད་གཞི་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་སྐོར་ཡིན་པ་དང། ཞོགས་པ་ཚོུད་ ༡༠  ཡོལ་ཙམ་ལ་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་མདུན་ཐང་དུ་འབྱོར་ནས་སྦྱར་ཡིག་སྣ་ཚོགས་དང། བོད་ཀྱི་རྒྱལ་དར། བོད་པའི་རླུང་རྟ་སོགས་མང་དག་ཞིག་བཀྲམས། ཚོུད་ ༡༡ དང་ཕྱེད་ཀར་ལས་རིམ་འགོ་འཛུགས་ཀྱི་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་ཕུལ། བདེན་ཚིག་སྨོན་ལམ་སྒྲ་གདངས་དང་བཅས་འུར་འདོན་ཞུས། མུ་མཐུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞབས་བརྟན་དང། གཟུངས་སྔགས་གསོག་བསྒྲུབ་བཅས་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་ཤོར་བ་དང།  རྒྱའི་བཙོན་ཁང་ཁག་ཏུ་གདུག་རྩུབ་མནར་གཅོད་མྱོང་བཞིན་པ་རྣམས་ཀྱི་ཆེད་མཆོག་གསུམ་རྒྱལ་བ་རྒྱ་མཚོར་ཐུགས་སྨོན་ཞུས། ཕྱོགས་གཞན་ཞིག་ནས་བོད་ནས་ན་གཞོན་བརྒྱ་ཕྲག་མང་པོ་ཧི་མ་ལ་ཡའི་རི་བརྒྱུད་དཀའ་སྡུག་འཇིགས་ཉེན་ཇི་ཡོད་ལ་མ་ལྟོས་པར་བཙན་བྱོལ་ནང་སློབ་སྦྱོང་གི་གོ་སྐབས་ཆེད་བྲོས་བྱོལ་ཡོང་བའི་བརྙན་འཕྲིན་གྱི་ལམ་ནས་གསལ་བསྒྲགས་བྱས་པ། དེ་དང་ཆབས་ཅིག དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤྲོད་དང་ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་ས་བསྡུ་རུབ་བཅས་ཞུས་ཡོད། ཕྱི་དྲོ་ཚོུད་ ༡༦ ཡོལ་ཙམ་ནས་ལས་འགུལ་ལེ་འགྲིགས་ངང་མཇུག་བསྒྲིལ་ཞུས་པའི་གནས་ཚུལ་སྙིང་བསྡུས་སུ་སྒོ་སྤེ་ཡོན་ཏན་གྱིས། ༢༠༡༡ ཕྱི་ཟླ་ ༨ ཚེས་ ༣༡ ཉིན།འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 6 སྡོམས་རོགས།