བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་སུད་སིར་ཕེབས་འབྱོར་བ།

དེ་ཡང་བོད་མི་མང་སྤྱི་འཐུས་ལྷ་ཚོགས་ནས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་དབུས་ཚོགས་མི་བཞི་ལས་གྲུབ་པའི་བོད་དོན་ཞུ་གཏུག་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་རོབ་ཡུལ་གྲུ་ཁག་ཏུ་ཆེད་བཅར་གྱིས་བོད་ཀྱི་ཛ་དྲག་གནས་བབ་ལས་སྐྱོབ་ཐབས་སོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་བཅས་ཡིན་འདུག  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་དེ་  ༢༠༡༤ ཕྱི་ཟླ་ ༦ ཚེས་ ༦  རེས་གཟའ་པ་སངས་དགོང་དྲོ་སུད་སིར་ཛུས་རིག་གནམ་ཐང་དུ་བདེ་འབྱོར་ཟིན་པ་དང་།གནམ་ཐང་དུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་སོགས་འཐུས་མི་རྒྱུན་ལས་ཁག་ཅིག་དང་།  ཡུ་རོབ་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་སོགས་ནས་རང་སྲོལ་མཇལ་དར་ཕུལ་ནས་ཕེབས་བསུ་ཞུས།  རེས་གཟའ་ཉི་མ་ཞོགས་པ་འདི་གར་ས་གནས་འཐུས་ཚོགས་དང་ལྷན་མཇལ་མོལ་ཐོག་ཉིན་གུང་ཞལ་ལག་མཉམ་བཞེས་གནང་རྒྱུ།  ཉིན་རྒྱབ་ཚོུད་  ༡༤  ནས་མི་མང་དང་དྲི་བ་དྲི་ལན་སོགས་བགྲོ་གླེང་ཚོགས་འདུ་བཅས་བཀོད་སྒྲིག་གནང་ཡོད་པའི་གནས་ཚུལ་བཅས་སྒ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 1 སྡོམས་རོགས།