བོད་དགེའི་ཟབ་སྦྱོང་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཛུ་རིག་ནང་ཚོགས།

༢༠༡༧ ལོའི་ཟླ་ ༠༡ ཚེས་ ༢༡ དང་ ༢༢ ཉིན་གཉིས་ཀྱི་རིང་ས་གནས་ཛུ་རིག་གི་ Youth hostel ཞེས་པར་བོད་ཡིག་དགེ་རྒན་ཟབ་སྦྱོང་དང་། བོད་སློབ་འགན་འཛིན་ལྷན་ཚོགས། ཀློག་དེབ་བསྐྱར་ཞིབ་བཅས་ཀྱི་ཚོགས་འདུ་ཞིག་ཚོགས་ཡོད་འདུག
དེ་ཡང་ཕྱི་ཚེས་ ༢༡ ཉིན་རི་ཀོན་ཆོས་འཁོར་དགོན་དང་སུད་སི་དང་ལིག་ཏེན་སི་ཊཡན་བོད་ཡིག་སློབ་གྲྭ་ཐུན་མོང་གི་གོ་སྒྲིག་འོག གོང་ཚེས་ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༠༩:༠༠ ནས་ ༡༧:༠༠ བར་རི་ཀོན་དགོན་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ཀརྨ་སྒྲོལ་མ་ལགས་ཀྱིས་ས་གནས་ཁག་གི་བོད་དགེ་ཚོར་དགེ་རྒན་ཟབ་སྦྱོང་ཞིག་གནང་ཡོད་པ་དང་། ཟབ་སྦྱོང་ལ་བཅར་མཁན་དགེ་རྒན་དང་འགན་འཛིན་ཁྱོན་མི་གྲངས་ ༢༨ ཙམ་མཉམ་ཞུགས་གནང་ཡོད་འདུག  ཕྱི་ཚེས་ ༢༢ ཉིན་བོད་སློབ་སྤྱི་ཁྱབ་འགན་འཛིན་སྟག་ལྗོངས་འཆི་མེད་ཀྱིས་འགོ་འཛིན་ཐོག་སྔ་དྲོའི་ཕྱག་ཚོད་ ༠༩:༠༠ ནས་དགོང་མོའི་ཕྱག་ཚོད་ ༡༧:༠༠ བར་སུད་སིའི་བོད་སློབ་ཁག་གི་གནས་སྟངས་ཐད་ཚོགས་འདུ་ཚོགས་ཡོད་པ་དང་། དགོང་དྲོའི་ཕྱག་ཚོད་༡༦:༤༥ བར་འཛིན་རིམ་གཉིས་པའི་ཀློག་དེབ་ཀྱི་ཐོག་བསྐྱར་ཞིབ་དང་། སྦྱོང་ཚན་གསར་བཟོ། དེ་དང་འབྲེལ་བའི་ཟིན་བྲིས་ཚོགས་ཆུང་གསར་འཛུག་བཅས་གནང་ཡོད་པ་མ་ཟད། མ་འོངས་ལས་དོན་དང་སློབ་ཚན་འཁྲིད་ཕྱོགས་བཅས་ཀྱི་ཐོག་ལའང་བགྲོ་གླེང་ཟབ་རྒྱས་གནང་ཡོད་འདུག་པ་དང་། ཚོགས་འདུ་འདི་དང་འབྲེལ་བོད་སློབ་ཡར་རྒྱས་གཏོང་ཕྱོགས་ཀྱི་གནད་དོན་ཁག་ཅིག་གི་ཐོག་ལའང་གྲོས་སྡུར་ལྷུག་པོ་བྱུང་ཡོད་འདུག 

གསར་འགོད་པ།  བཀྲ་ཤིས་རྣམ་རྒྱལ།

 

གསལ་བསྒྲགས་གནང་རོགས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 1 སྡོམས་རོགས།