ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་བཅུ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཞུ་སྙན་ཕུལ་བ།

༢༠༡༢ ཟླ་ ༤ ཚེས་ ༣ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་གྲགས་ཅན་བཅུ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཞུ་སྙན་ཞིག་ཕུལ་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་གང་མགྱོགས་འབྲེལ་མོལ་གནང་སྟེ་བོད་ཀྱི་དཀའ་ངལ་སེལ་དགོས་པ་མ་ཟད། བོད་ནང་དུ་འཕྲལ་མར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་མི་དང། རྒྱལ་སྤྱིའི་གསར་འགོད་པ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་ཡང་ཞུ་སྙན་གྱི་ནང་དོན་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཆེ་མཐོང་ལ་རྩིས་འཇོག་དགོས་པ་དང། ༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་དབུ་ཁྲིད་དང་ལྷན་འབྲེལ་མོལ་གནང་དགོས་པ། དེ་བཞིན་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧ་ཅང་སེམས་འཚབ་ཡོད་པ་དང། དེར་བརྟེན་རྒྱ་ནག་གཞུང་གིས་བོད་མི་ཚོའི་འབོད་སྒྲ་དེར་ངེས་པར་དུ་ཡ་ལན་ཐོག་བོད་མིའི་དཀའ་ངལ་ལ་བསམ་གཞིག་གིས་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་ཞིག་གང་མགྱོགས་འཚོལ་དགོས། བོད་མི་ཚོས་ཡུན་རིང་ནས་དོན་དམ་གྱི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། ཁོང་ཚོས་འཚེ་བ་མེད་པ་དང་གྲོས་མོལ་གྱི་ལམ་ནས་དགོས་འདུན་དེ་དག་སྒྲུབ་ཐབས་བྱེད་ཡོད་ཀྱང་ད་བར་གྲུབ་འབྲས་གང་ཡང་བྱུང་མེད་སྟབས། ད་ཆ་ཞི་རྒོལ་བྱེད་དགོས་ཐུག་གི་ཡོད། ང་ཚོའི་ཆོས་གྲོགས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད། རྒྱ་ནག་དབུ་ཁྲིད་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་གནད་དོན་དེ་བཞིན་གྲོས་མོལ་གྱི་ལམ་ནས་སེལ་རྒྱུའི་གོ་སྐབས་དེ་འཛིན་དགོས། གྲོས་མོོལ་གྱི་བརྒྱུད་རིམ་ཚར་གཅིག་འགོ་བཙུགས་ཚར་བ་དེ་བར་མ་ཆད་པ་ཞིག་དང་འཁྲུག་ཆ་དོད་པོ། དོན་ཕན་སོན་པ་ཞིག་དགོས། ང་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་བཙན་དབང་འོག་དམ་བསྒྲགས་བཀག་ཉར་བྱས་པའི་བོད་མི་ཞི་རྒོལ་བ་ཚང་མ་འཕྲལ་མར་གློད་བཀྲོལ་བཏང་སྟེ། བོད་མིའི་ཐོག་དྲག་གནོན་མཚམས་འཇོག་བྱེད་དགོས། ཞེས་སོགས་འཁོད་འདུགནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་མི་སྣ་བཅུ་གཉིས་རྣམས་ནི་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཊུ་ཊུ་མཆོག་(Desmond Tutu)དང་ཇོ་ཌི་ཝིལ་ཡེམ་སི་མཆོག(Jody Williams) རི་གོ་བྷར་ཏ་མན་ཅུ་ཊུམ་མཆོག (Rigoberta Menchu Tum)ཇོ་སི་ར་མོ་སི་ཧོར་ཏ་མཆོག(Jose Ramose Horta) ལེ་མན་ཇི་བྷོ་ཝེ་མཆོག(Leymah Gbowee)ཨ་ཌོལ་ཕོ་པེ་རེ་ཛི་ཨི་སི་ཀི་ཝེལ།(Adolf Perez Esquivel) ཤི་རིན་ཨ་བྷ་ཌི་མཆོག (Shirin Ebadi) ལེ་ཝ་ལེ་ས་(Lech Walesa) མ་གུ་རེ་མཆོག(Mairead Corrigan Maguire) ཇོན་ཧུམ་མཆོག(Jon Hume) བྷེ་ཊི་ཝིལ་ལེམ་སི།(Betty Williams ) ཀར་ལོ་སི་བྷེ་ལོ་མཆོག (Carlos Belo) མཆོག་བཅས་ཡིན་འདུག་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སྡོམས་རོགས།