དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སུ་བོད་རིགས་མི་མང་ལ་བཀའ་སློབ་གནང་བ།

སྤྱི་ལོ ༢༠༡༨ ཟླ ༠༡་ པོའི་ཚེས་ ༢༨ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སུ་བོད་རིགས་མི་མང་༡༣༠༠ལྷག་ལ་བྷོས་ལག་ (BÜLACH) གྲོང་སྡེ་ཚོགས་ཁང་ནང་གསུང་བཤད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་བོད་མི་ཁ་ཤས་ཀྱིས་སྲིད་སྐྱོང་ལ་ངོ་རྒོལ་གནང་བཞིན་པའི་ཐད་བཀའ་སློབ་སོགས་གནང་ཡོད་འདུག

སུད་སུ་བོད་རིགས་ས་ཚོགས་པ་ནི་ཚོགས་པ་རྙིང་ཤོས་ཡིན་པ་དང་སུད་སུ་བོད་ཡིག་སློབ་གྲྭའི་བོད་ཡིག་གི་ཡིག་གཟུགས་སོགས་ནི་མིག་དཔེར་འོས་བ་ཞིག་རེད་འདུག་པས་བསྔགས་བརྗོད་གནངས་བ་དང་དེ་བཞིན་སྲིད་སྐྱོང་མཆོག་གིས་སུད་སུ་དོན་གཅོད་ཁང་གི་དྲ་རྒྱ་ www.tibetoffice.ch དབུ་འབྱེད་གནངས་སོང་།

ཁོང་གིས་མུ་མཐུད་ནས་གསུངས་དོན་ང་ཚོའི་ཆབ་སྲིད་ཀྱི་གནས་བབས་ཡར་རྒྱས་སོང་ཡོད་ཚུལ་ནི་འདས་བའི་ལོ་༡༠ནང་འོས་འཕེན་པའི་གྲངས་་བརྒྱ་ཆ་ ༧༠ འཕར་ཡོད་པ་དེ་ནི་མང་གཙོ་རྒྱལ་ཁབ་རྙིང་པ་རྣམས་ལས་ཀྱང་ཡག་པོ་ཡོད་པ། བོད་མི་མང་ཆེ་བས་ཆབ་སྲིད་ལ་དོ་སྣང་བྱ་ཚུལ་ཚད་མཐོ་བོ་ཡིན་པ།ང་ལ་ངོ་རྒོད་བྱེད་མཁནན་ཁ་ཤས་གནམ་ཐང་ནས་མཇལ་བྱུང་དེ་ཁོང་ཚོའི་ཐོབ་ཐང་རེད། དེ་ནི་ཁོང་ཚོས་ཆབ་སྲིད་ལ་དོ་སྣང་དང་བོད་ཀྱི་རྩ་དོན་ལ་འགན་ཁུར་གི་ཡོད་པའི་རྟགས་མཚན་རེད། འོན་ཀྱང་ངས་ཁོང་ཚོའི་རེ་འདུན་ལ་མོས་མཐུན་མེད་། དེ་ནི་བཀའ ཤག་གིས་ཐག་གཅོད་བྱས་ཚར་རེད། བོད་མི་སུ་འདྲ་ཞིག་ཡིན་ཀྱང་ཆོལ་ཁའི་འཐེན་འཁྱེར་མ་བྱེད་རོགས།ད་ལྟ་བར་ངས་ཆོལ་ཁའི་འཐེན་འཁྱེར་རྩ་བ་ནས་བྱས་མྱོང་མེད། ཆོལ་ཁའི་འཐེན་འཁྱེར་འདི་ནི་ད་ལྟ་ཉེན་ཁ་ཧ་ཅང་ཆེ་བ་དང་མུ་མཐུད་དུ་ཆེ་རུ་འགྲོ་བའི་ཉེན་ཁ་འདུག  འདི་ནི་ང་ཚོའི་ནང་གི་དགྲ་རེད། མཐོང་རྒྱུ་མེད་པའི་དགྲ་དེ་རེད། ཕ་མ་དང་རྒན་པ་རྣམས་ཀྱིས་གཞོན་སྐྱེས་རྣམས་ལ་ཆོལ་ཁའི་འཐེན་འཁྱེར་གྱི་དུག་དེ་མ་སྤྲོད་རོགས།  ཆོལ་ཁ་འཐེན་འཁྱེར་བྱེད་མཁན་མང་པོ་ཞིག་གིས་སྲིད་སྐྱོང་བེད་སྤྱོད་བྱེད་བཞིན་འདུག་གསུངས་སོང་།

དྲི་བ་དྲི་ལན་སྐབས་ཨ་རིའི་དོན་གཅོད་ཟུར་བ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་དོན། གནད་དོན་དེའི་སྐོར་བཀའ་ཤག་ནས་ཐག་གཅོད་བྱས་ཚར་བ་ལ་འགྱུར་བ་མེད་། ང་ལ་ངོ་རྒོད་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ། གང་ཡིན་ཞེས་ན་ཆབ་སྲིད་ནང་ཚོར་བ་ཡོད་པའི་ཐོག་ཆ་ཤས་བླངས་བ་རེད། ཆབ་སྲིད་ཐོག་ཚོར་བ་ཡང་མེད་པ་འགན་ཡང་ཁུར་གི་མེད་པར་ཁུ་སིམ་མེར་འདུག་མཁན་དེ་རིགས་སྡུག་ཤོས་རེད། ང་ལ་དུས་རྟགས་དུ་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་སྙིང་ཐག་བ་ནས་ཐུགས་རྗེ་ཆེ་སོགས་ཞུས་སོང་།

 

ཚོགས་ཁང་གི་ཕྱི་ལོགས་སུ་བོད་མི་ལྔ་བཅུ་ཙམ་ཞིག་གིས་སྲིད་སྐྱོང་མཆོག་ལ་ངོ་རྒོལ་གྱི་རྣམ་པ་བསྟན་ནས་བསྡད་འདུག་པ་དང་།ཁོང་ཚོའི་རེ་འདུན་ནི་སྲིད་སྐྱོང་མཆོག་གིས་སྲིད་དབང་སྒེར་གཅོད་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དྲང་བདེན། རྒྱུ་མཚན་ལྡན་གནས་ལུགས་བཅས་ལ་ལྟོས་མེད་ཐོག་དབང་ཆ་གཅིག་སྡུད་བྱེད་བཞིན་ཡོད་པ། ༧གོང་ས་མཆོག་གཙོས་མི་རབས་རྒན་པ་རྣམས་ཀྱིས་མཛད་དཀའ་ བརྒྱ་ཕྲག་བརྒྱུད་གསོས་ཤིང་བསྐྱངས་་པའི་ཆོལ་གསུམ་གཅིག་སྒྲིལ་གྱི་གོང་བུ་འཐོར་ཞུགས་སུ་འགྲོ་ཉེན་ཆེ་བས་རྩ་དོན་ལ་སེམས་ཁུར་དང་འགན་ཡོད་པའི་ཐོག་འདིར་ཕེབས་ཡིན་ཚུལ་གསུངས་སོང་།དེ་བཞིན་ཨ་རིའི་དོན་གཅོད་ཟུར་བ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་འཕོ་འགྱུར་གཏོང་དགོས་དོན་ལ་བཀའ་ཤག་གིས་དོན་ཚན་བཅུ་ཅན་གྱི་རྒྱུ་མཚན་དེ་དག་དྲང་བདེན་མིན་པ་དང་དེ་དག་ལ་་ལ་ངོས་ལེན་མེད་བཅས་བའི་འཕྲེད་དར་འཁྱེར་འདུག

མཛད་རིམ་ནང་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་མི་མང་ལ་འཐུས་མི་འདེམས་སྟངས་གལ་ཆེན་ཡིན་པ་དང་། གལ་སྲིད་འཐུས་མི་འདེམས་མ་ཐུབ་ན་ཚོགས་ཆུང་མེད་པ་ཆགས་སྲིད་སྐོར་ནན་བསྐུལ་གནང་ཡོད་པ་དང་།བོད་མི་དམངས་སྤྱི་འཐུས་བྱམས་མདོ་ཟམ་པ་ཚེ་རིང་གིས་སུད་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་བོད་མི་གང་མང་མང་མཉམ་ཞུགས་གནང་གལ་ཆེ་བ་དང་ད་ལོའི་སུམ་བཅུ་དུས་དྲན་ནང་བོད་མི་ཡོངས་ལ་མཉམ་ཞུགས་བྱེད་དགོས་ཚུལ་སོགས་གསུངས་ཡོད་འདུག སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་ངོ་སྤྲོད་གསུངས་བཤད་ནང་།སུད་སུ་ནང་བོད་ཡིག་སློབ་གྲྭ་ཁག་ ༡༨ ་དང་སློབ་ཕྲུག་གྲངས་ ༢༠༠་ ཡོད་པ་དང་ལོ་རེ་རེར་སུད་སུ་རྒྱལ་ཡོངས་ན་ཡོད་པའི་བོད་སློབ་ཁག་གི་བར་བོད་ཡིག་གི་རིག་རྩད་འགྲན་བསྡུར་ཐེངས་རེ་གོ་སྒྲིག་གནང་གི་ཡོད་ཚུལ་དང་།སྐབས་བཅུ་དྲུག་པའི་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ས་གནས་ཁག་བཅོ་བརྒྱད་ནང་ནང་ཆོས་ངོ་སྤྲོད་བྱ་ཐུབ་ཡོད་པས་མ་འོངས་པར་ཡང་མུ་མཐུད་དུ་རྒྱུན་འཁྱོངས་་བྱ་གལ་ཆེ་བའི་འབོད་སྐུལ་དང་། དེ་བཞིན་བོད་མི་ཡོངས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་གལ་ཆེན་ཡིན་པ།ད་དུང་སླེབས་ལ་ཉེ་བའི་འཐུས་མིའི་འོས་བསྡུ་སྐབས་ཚང་མས་ད་ལྟ་ནས་གྲ་སྒྲིག་དང་ཆ་ཤས་ལེན་རྒྱུ་ནི་སྐབས་བབ་ཀྱི་ལས་འགན་གལ་ཆེ་ཤོས་དེ་ཡིན་ཚུལ་སོགས་གསུངས་གནང་སོང་།

 

ཉིན་རྒྱབ་སུ་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་གཙོས་བའི་བོད་མི་བརྒྱ་ཕྲག་ཁ་ཤས་ལ་བོད་མིའི་སྒྲིག་འཛུགས་དང་ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་གལ་ཆེ་རང་བཞིན་དང་བོད་ཡིག་བོད་སྐད་ཡར་རྒྱས་གཏོང་དགོས་ཚུལ་སོགས་བཀའ་སློབ་ལྷུག་པོ་གནང་རྗེས་ལས་རིམ་ཡོངས་སུ་མཇུག་སྒྲིལ་གནང་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སྡོམས་རོགས།