ཁམས་ཁུལ་དུ་མཚོན་ཆ་དང་པགས་རིགས་བེད་སྤྱོད་མི་བྱེད་པའི་ལས་འགུལ་རྒྱ་ཆེ་སྤེལ་བ།

༢༠༡༢ ཟླ་ ༡ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་ཡོངས་ལ་འཚེ་མེད་ཞི་བའི་ལམ་སྟོན་མཛད་མུས་ལྟར་དམིགས་བསལ་སྲོག་ཆགས་ཀྱི་པགས་རིགས་སོགས་བེད་སྤྱོད་གང་བྱུང་བྱས་ཏེ་འཚེ་བའི་ལས་ནམ་ཡང་མི་བྱེད་པའི་ལམ་སྟོན་བཀའ་སློབ་རབས་དང་རིམ་པ་ཕེབས་དོན་ལྟར་གཞིས་ལུས་བོད་རིགས་ཡོངས་ཀྱིས་༸རྒྱལ་བའི་བཀའ་བཞིན་དང་དུ་ལེན་ཏེ་ལོ་ཤས་གོང་ནས་སྲོག་ཆགས་ཀྱི་པགས་རིགས་བེད་སྤྱོད་མི་བྱེད་པར་མེ་སྲེག་བཏང་བའི་གནས་ཚུལ་རྒྱ་ཆེ་ཐོན་ཡོད་པ་བཞིན་ཉེ་ལམ་ཁམས་བྲག་མགོ་མི་དམངས་ཡོངས་ནས་ཀྱང་སླར་ཡང་༸རྒྱལ་བའི་བཀའ་གསུངས་བཞིན་མཚོན་ཆ་སྟོང་ཕྲག་མང་པོ་དང་སྲོག་ཆགས་ཀྱི་པགས་རིགས་སྣ་ཚོགས་ཁམས་བྲག་མགོ་དགོན་དུ་ཕུལ་ཏེ་དེ་དག་སྤང་བྱ་གནང་བའི་གནས་ཚུལ་ངོ་དེབ་ཁག་ནང་ཐོན་འདུག་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 9 སྡོམས་རོགས།