༈ སྐབས་བཅོ་ལྔ་པའི་ས་གནས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པའི་ཚོགས་ཚིག་ཐོ་སྙིང་བསྡུས།

༈  སུད་སི་དང་།  ལིཀ་ཏན་སེཊཡན་བོད་རིགས་མི་མང་གི་སྐབས་བཅོ་ལྔ་པའི་ས་གནས་འཐུས་ཚོགས་ (གྲོས་ཚོགས་) ཀྱི་ཚོགས་བརྡ། བོད་རྒྱལ་ལོ་ ༢༡༤༢  རབས་གནས་ཤིང་ལུག་མཆུ་ཟླ་བའི་ཚེས་ ༡༠  ཕྱི་ལོ་ ༢༠༡༥ ཟླ་ ༠༢ ཚེས་ ༢༨ ཞོགས་པ་ཚོུད་ ༡༠/༠༠ ཚོགས་ཡུལ་མི་མང་ལས་ཁུངས་ནང་བསྐོང་འཚོགས་ཤིང་།དཔལ་ལྡན་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་སྔོན་བརྡ་དང་བཅས་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ།  བོད་རྒྱལ་ཁབ་དང་མི་རིགས་རང་དབང་བཅས་ཀྱི་ཆེད་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་སེམས་མཉམ་སྐྱེའི་གུས་བཏུད་རྗེས་དྲན་ངག་བཅད་སྐར་མ་གཅིག་ཞུས།རྟེན་འབྲེལ་གྱི་གསོལ་ཇ་བཞེས་འབྲས་འདེགས་འབུལ་ཞུས།

ཚོགས་འདུའི་འགྲོ་ལུགས་ལྟར་ཚོགས་གཙོའི་ལས་ཚབ་ཏུ་ས་འཐུས་སྦ་ཚང་ཚེ་རིང་དབང་གྲགས་ལགས་དང་།  ནོར་བུ་ཚེ་རིང་ལགས་རྣམ་གཉིས་བཏོན་པར་སྤྱི་མོས་ཀྱིས་ངོས་ལེན་ཞུས།

ལས་རིམ་ཚོགས་ཆུང་དུ་ས་འཐུས་བརྡ་སྐྱེལ་དགེ་ལེགས་ལགས་དང་།  ཤ་བ་ཚེ་རིང་ལགས།  རྡོ་ཆུང་མགོན་པོ་ལགས་བཅས་བཏོན་པར་སྤྱི་མོས་ཞུས།  དེ་ནས་ཚོགས་གཙོས་བཀའ་འབྲེལ་དང་བཅས་གཤམ་གསལ་ཡིག་ཆ་ཁག་གཉིས་ལ་བཀའ་བསྡུར་གྲོས་ཆོད་གཏན་འབེབས་ཞུས།  དེ་ཡང་།

༡༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དང་པོ།  གྲོས་འཆར་འདོན་མཁན་བོད་དྲུང་སྒོ་སྤེ་ཡོན་ཏན་རྒྱ་མཚོ་ནས་སྔོན་གླེང་དང་བཅས་འགྲེལ་བརྗོད་གསལ་བཤད་ཞུས་པ་དང་།  གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་རྒྱབ་སྐྱོར་གནང་ལུགས་གསལ་བཤད་གནང་བར་སྤྱི་མོས་ཀྱིས་གྲོས་ཆོད་བྱུང་།

༢༽ རང་ལུས་མེར་བསྲེགས་གནང་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་བཅས་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་གཉིས་པ།  གྲོས་འཆར་འདོན་མཁན་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་གྲོས་འཆར་དགོས་དམིགས་སོགས་གཟབ་རྒྱས་གསལ་བཤད་གནང་བ་དང་།  གྲོས་འཆར་གྲོས་ཆོད་ལ་རྒྱབ་སྐྱོར་གནང་མཁན་བོད་དྲུང་སྒོ་སྤེ་ཡོན་ཏན་རྒྱ་མཚོས་རྒྱབ་སྐྱོར་ཞུ་བའི་གནས་ལུགས་གསལ་བཤད་ཞུས་ཤིང་། ཚིག་བརྗོད་ཐོག་དགོངས་ཚུལ་རེ་ཟུང་བྱུང་སོང་ཡང་ཐར་ས་གནས་འཐུས་མི་རྣམ་པས་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་སོང་བ་བཅས།  བོད་རྒྱལ་ལོ་ ༢༡༤༢  རབ་གནས་ཤིང་ལུག་མཆུ་ཟླ་བའི་ཚེས་ ༡༠ ཕྱི་ལོ་ ༢༠༡༥ ཟླ་ ༠༢  ཚེས་  ༢༨  ལ།

ཡིག་ཆ་ཨང (༡
ཡིག་ཆ་ཨང (༢

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 2 སྡོམས་རོགས།