༄༅། སུད་སི་ས་གནས་ར་པརསི་ཝིལ་དུ་དབུས་སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་བཅས་ཆེད་ཕེབས་ཀྱི་ལས་འགུལ་སྤེལ་བ།

དེ་ཡང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་ནས་འགན་བཞེས་ཐུགས་འཁུར་གནང་དོན་བཅས་སྣེ་ལེན་གོ་སྒྲིག་གིས་སྨན་པ་དང་རྩིས་པ་བཅས་མི་གྲངས་བཞི་ཆེད་ཕེབས་ཀྱིས་ད་རིང་ནས་ཕྱི་ཚེས་  ༡༩  ཉིན་ས་གནས་སུ་ཆེད་ཕེབས་ཀྱིས་ནད་པར་སྨན་བཅོས་དང་།  རྩིས་ཀྱི་སྐོར་སོགས་མང་ཚོགས་ལ་འཕྲོད་བསྟེན་བྱ་ཕྱོགས་ལམ་སྟོན་གསུང་བཤད་གནང་སོང་བ་མ་ཟད།  དོགས་གཅོད་ཁག་ལ་གསལ་བཤད་འདོད་བློ་ཁེངས་བ་གནང་སོང་ལ།  ད་རིང་ཡོ་ནར་ཞོགས་པ་ཚོུད་ ༡༠་་༠༠  ནས་ཕྱི་དྲོ་ཚོུད་ ༡༧་་༠༠  བར་གནང་སོང་ལ།  ད་དུང་ཕྱི་ཚེས་ ༢༠  ཉིན་ཛུས་རིཀ་མི་མང་ལས་ཁུངས་ནང་ཞོགས་པ་ཚོུད་  ༡༠་་༠༠  ནས་ཚོུད་  ༡༦  བར་དང་།  ཕྱི་ཚེས་ ༢༡  ཉིན་སྦ་སལ་ཁུལ་སོགས་ལ་རིམ་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས།  སྒོ་སྤེ་ཡོན་རྒྱས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 7 སྡོམས་རོགས།