༄༅། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་མཇལ་འཕྲད་གནང་།

༄༅། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཕྱི་ཟླ་ ༠༩ ཚེས་ ༠༤ དང་༠༥ བཅས་ལ་སུད་སི་འཛུ་རིག་མངའ་སྡེའི་འགོ་བྱེད་སྐུ་ཞབས་མ་རི་ཡོ་ཕེར་དང་འཛུ་རིག་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་བུར་ཀི་མཆོག་དེ་བཞིན་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་། 

ཕྱི་ཟླ་ ༠༩ ཚེས་ ༠༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་བྱམས་པ་ཚེ་རིང་ལགས་ས་གནས་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དེ་བཞིན་ས་གནས་བོད་རིགས་མི་མང་གི་ཚོགས་གཙོ་དང་ཚོགས་གཞོན་བཅས་ཚོུད་ ༡༢།༠༠ ཐོག་འཛུ་རིག་ཧི་མ་ལ་ཡ་གསོལ་མགྲོན་ཁང་དུ་ལྷན་འཛོམས་ཀྱིས་སྐུ་ཞབས་མ་རི་ཡི་ཕེར་མཆོག་ལྷན་མཇལ་འཕྲད་དང་སྦྲགས་བོད་དོན་ཞུ་གཏུག་དང་ཁོང་གི་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ། དེ་བཞིན་ད་ཆ་ས་གནས་སུ་བོད་མི་ཁག་གཅིག་ལ་སྐྱབས་བཅོལ་གི་ཐོབ་ཐང་མ་རག་པར་དཀའ་ངལ་འཕྲད་བཞིན་པར་རྣམས་ལ་རོགས་རམ་གང་ཐུབ་ཡོང་བའི་འབོད་སྐུལ་ཞུ་བ་བཅས་མཇལ་འཕྲད་དང་བཀའ་མོལ་ལྷུག་པོ་གནང་རྗེས་གུང་ཚིགས་མཉམ་བཞེས་གནང་། མཐའ་མར་ཕན་ཚུན་མཇལ་དར་སྒྲོན་གནང་བ་སོགས་མཇལ་འཕྲད་ལྷུག་པོ་གནང་།

ཉིན་རྒྱབ་ཚོད་ ༡༥།༠༠ ནས་ ༡༦།༠༠ བར་ས་གནས་འཛུ་རིག་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་བར་ཀི་ལགས་ཀྱི་ལྷན་བོད་ཀྱི་གནས་བབས་གསལ་བཤད་དང་སྦྲགས་བོད་དོན་ཞུ་གཏུག་དང་། ས་གནས་ནང་བོད་མི་སྐྱབས་བཅོལ་ཐོབ་ཐང་མི་རག་པའི་བོད་མི་རྣམས་ལ་རོགས་སྐྱོར་དགོས་པའི་ཞུ་གཏུག་བཅས་ཕན་ཚུན་མཇལ་དར་སྒྲོན་པ་སོགས་མཇལ་འཕྲད་ལྷུག་པོ་གནང་།

དེ་བཞིན་ཕྱི་ཟླ་ ༠༩ ཚེས་ ༠༥ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐུ་ངོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་བྱམས་པ་ཚེ་རིང་ལགས་ས་གནས་སྐུུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་དེ་བཞིན་ས་གནས་བོད་རིགས་མི་མང་ཚོགས་གཞོན་དང་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་ཁག་གཅིག་བཅས་ཚོུད་ ༡༢།༠༠ ནས་ ༡༤།༠༠ བར་སུད་སི་རྒྱ་ས་བེརན་གྱི་ཀོརོ་ཛི་མགྲོན་ཁང་ནང་སུད་སི་གྲོས་ཚོགས་ཀྱི་འཐུས་མི་མ་ཡ་ག་རབ་མཆོག་གི་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལྷན་མཇལ་འཕྲད་དང་བོད་དོན་ཞུ་གཏུག་དེ་བཞིན་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ་བ་བཅས་བཀའ་མོལ་ལྷག་པོ་གནང་རྗེས་གུང་ཚིགས་མཉམ་བཞེས་གནང་བ་དང་། ཕན་ཚུན་མཇལ་དར་སྒྲོན་པ་སོགས་མཇལ་འཕྲད་རྒྱས་པ་གནང་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 4 སྡོམས་རོགས།