༄༅།ཛུས་­རིག་­གྲོང་­འཁྱེར་­གཞུང་ལམ་དུ་བོད་­རིགས་­བྱིས་­པས་­རིག་གཞུང་­ཁྲོམ་­བསྐོར།

སུད་­སི་­དང་­ ལིཀ་­ཏེན་­སིཊཡན་­བོད་རིགས་­མི་­མང་­སྐབས་­བཅོ་­ལྔ་­པའི་འཐུས་­ཚོགས་­ཀྱིས་བཀོད་ཁྱབ་དང་རྒྱུ་འགྲོན་གནང་ཐོག ས་འཐུས་ཤྭ་བ་ཚེ་རིང་དོན་གྲུབ་དང་ས་གནས་བོད་སློབ་རྒན་དགེ་བཤེས་བྱམས་པ་རབ་བརྟན་ལགས་གཉིས་ཀྱིས་གོ་སྒྲིག་གིས།  ༢༠༡༥ཕྱི་­ཟླ་­   ཚེས་­ ༡༡ རེས་གཟའ་ཉི་མ་ཉིན་སུད་­ལིཀ་­མི་­མང་­ཟློས་­གར་གྱིས་ཆོལ་གསུམ་ཆས་གོས་བཅས་གཞས་སྣ་དང་གཡག་གི་ཁྲབ་སྟོན།རོལ་དབྱངས་དང་བཅས་སྣེ་­འཁྲིད་­ཅིང།ས་­གནས་­བོད་སློབ་ཁག་­གི་­བོད་­རིགས་­བྱིས་­པ་­སུམ་ཅུ་ལྷག་གིས་ཁྲོམ་­བསྐོར་­འདིར་­མཉམ་­ཞུགས་­གནང་­བ་དང་­  དེ་­བཞིན་­བོད་སློབ་སྤྱི་ཁྱབ་འགན་འཛིན་གསར་པ་འཆི་མེད་སངས་རྒྱས་ལགས་དང་ཟློས་གར་འགན་འཛིན་བདེ་ཤར་རྒྱ་མཚོ་ལགས།སོ་ལོ་ཐུན་བོད་སློབ་འགན་འཛིན་པད་མ་ལགས།ཕོལ་ཀཊ་སིཝིལ་བོད་སློབ་འགན་འཛིན་ཐུབ་བསྟན་རྒྱལ་མཚན་ལགས།བོད་ཕྲུག་གི་ཕ་མ་གང་འཚམས་དང་།ཨེ་ཤི་ཡ་རང་དབང་རླུང་འཕྲིན་གསར་འགོད་པ་རབ་ཁང་ཚེ་རིང་ཕུན་ཚོགས་ལགས་གནས་ཚུལ་མཁོ་བསྡུ་གནང་བར་ཕེབས་­ཡོད།  བོོད་­ཀྱི་­རྒྱལ་­གླུ་­དང་­བདེན་ཚིག་­སྨོན་­ལམ་­ལྷན་­དུ་­གསུངས་­ནས་­ཁྲོམ་བསྐོར་དབུ་­བཙུགས་­ཞུས་­པ་­དང་­ ཁྲོམ་­གཞུང་­དུ་­མི་­མང་ཁྲི་­ཕྲག་­གིས་­དགའ་­བསུ་དང་བོད་ཕྲུག་ཆུང་ཆུང་མང་པོ་ཡོད་པ་རྣམས་ལ་དམིགས་བསལ་ཤ་ཚའི་­རྣམ་­འགྱུར་­སྟོན་­པ་­སོགས་­བོད་­མིའི་­ངོ་­བོ་­མཚོན་­བྱེད་­ཀྱི་­ལས་­དོན་­གང་­ལེགས་­བྱུང་­ རྣམ་ཀུན་ལྟར་ཐེངས་འདིར་ཛུས་­རིག་­ཁྲོམ་­བསྐོར་­འདིར་­ཚོགས་­སྡེ་­དང་­རྒྱལ་­ཁབ་­བཞི་­བཅུ་­སྐོར་­གྱི་བྱིས་­པ་­ཉིས་­སྟོང་­བདུན་བརྒལ་­བ་­མཉམ་­ཞུགས་དང་།ལྟད་­མོ་­བ་­ཁྲི་­ཕྲག་­ཁ་­ཤས་­ཀྱིས་­ཁྲོམ་བསྐོར་བ་རྣམས་ཀྱི་ཚོན་རིས་རྣམ་པར་བཀྲ་བའི་རིག་གཞུང་གོས་རྒྱན་­མཛེས་­ཆོས་­དང་­སྙན་­པའི་­རོལ་­དབྱངས་ལ་­སྤྱོད་­པའི་­གོ་­སྐབས་­བླངས་­ཡོད་­པ་­རེད། འཐུས་­མི་­ཤྭ་­བ་­ཚེ་­རིང་­དོན་­གྲུབ་­ཀྱིས་­ཕུལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 7 སྡོམས་རོགས།